རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཚན་རིག།

ཨ་རིའི་རྒྱ་ཁབ་མཁའ་འགྲུལ་དང་འཇིག་རྟེན་འཕུར་བསྐྱོད་ལས་ཁུངས།




རྒྱ་མཚོའི་མཐོ་ཚད་འཕར་བཞིན་པ།

རྒྱ་མཚོའི་ཚ་དྲོད་རྒྱས་པ་དང་འཁྱགས་རོམས་བཞུ་བ་ལ་བརྟེན་ནས་རྒྱ་མཚོའི་ངོས་མཐོ་ཚད་ཇེ་མཐོ་
འགྲོ་བཞིན་ཡོདལ་། འཁྱགས་རོམས་བཞུ་བ་དང་རྒྱ་མཚོའི་ཚ་དྲོད་འཕར་པས་རྒྱ་མཚོའི་རྒྱ་ཁྱོན་
ཇེ་ཆེར་འགྲོ་བཞིན་ཡོད། དུས་རབས་༢༠པའི་ནང་རྒྱ་མཚོའི་ཚད་མཐོ་རུ་ཕྱིན་པའི་རྒྱལ་ཁབ་༡༥
ལྷག་ཙམ་ཟིན་ཡོད། ཚན་རིག་པ་ཁག་ཞིག་གིས་"གལ་ཏེ་ད་ལྟ་ང་ཚོའི་འགྲོ་བ་མིས་རང་བྱུང་ཁམས་ཀྱི་
རླུང་ཁམས་ཆེན་མོའི་དྲོད་ཁང་ནང་གི་ཚ་རླུང་ཉུང་དུ་གཏོང་ཐུབ་ན་ཡང་། སྤྱི་ལོ་༢༡༠༠་བར་དུ་རྒྱ་མཚོའི་
ངོས་མཐོ་བའི་རྐྱེན་གྱིས་རྒྱལ་ཁབ་མང་པོར་རྒྱ་མཚོའི་གོད་ཆགས་རིམས་པ་སྣ་ཚོགས་འབྱུང་ཐུབ་པའི་ཚ་རླུང་
རང་བྱུང་ཁམས་ཆེན་མོའི་ནང་དུ་CO
2བཏང་ཚར་བ་རེད།"ཟེར།

Recent_Sea_Level_Rise-Tibetan.jpg
ཚོད་རྩིས་བྱས་པ་ལྟར་ན། གལ་ཏེ་དུས་རབས་འདིའི་ནང་དུ་རྒྱ་མཚོའི་ངོས་མཐོ་ཚད་སྨི་༡གཅིག་མཐོ་རུ་ཕྱུན་དུས་
མཚོ་འགྲན་གི་ས་ཁུལ་དང་གྲོང་ཁྱེར་ཁག་ལ་ཆགས་འཇིགས་ཆེ་པོ་འབྱུང་རྒྱུ་ཡིན་ པ་དང་། ཧིན་དྷི་རྒྱ་མཚོ་དང་
ཞི་བདེ་རྒྱ་མཚོའི་ནང་གི་གླིང་ཕྲན་ཆུང་ངུ་རྣམས་སྔོན་ལ་ འཇིགས་རྒྱུ་ཡིན་པ་དང་། དེར་བརྟེན་སྐམ་ས་ཆེན་མོ་
ཁག་གི་ཞིང་ལས་རིན་ཐང་ཅན་གྱི་ས་ཁུལ་མང་པོ་ཞིག་ལ་མཚོ་ འོག་ཏུ་འཇིགས་པ་དང་མཚུངས། མཚོ་འགྲམ་
གྲོང་ཁྱེར་ཁག་ལ་ཡང་ཆགས་འཇིགས་ཆེན་པོ་ ཡོང་སྲིད་པ་ཡིན། སྐབས་དེ་དུས་དྲག་རླུང་འབྱུང་སྲིད། དེས་རྐྱེན་
བྱས་ནས་འཐུང་ཆུའི་འབྱུང་གནས་ ཆུ་བོ་ཁག་ལ་སྐྱོན་རྒྱབ་ནས་འཛམ་གླིང་གི་ན་ཡོངས་སུ་འཐུང་ཆུའི་
བཀའ་ངལ་འཕྲད་རྒྱུ་ཡིན་པ་ཚན་རིག་པས་ཚོད་དཔག་བྱེད་བཞིན་ཡོད་།
གང་ལྟར་ཡང་། གལ་ཏེ་འཛམ་གླིང་ཚ་འགྱུར་གྱི་ཚད་3˚Cལས་བརྒལ་དུས་འཛམ་གླིང་ཡོངས་སུ་རང་བྱུང་གི་
འཇིགས་པ་ཧ་ཅང་ཆེན་པོ་བྱུང་སྲིད་པ་ཡིན།
མིང་ཚིག
བོད་
དབྱིན་
རྒྱ་
རྒྱ་མཚོ་
sea
རྒྱ་མཚོའི་མཐོ་ཚད་
sea level
海平面
འཁྱགས་རོམ་
glacier
冰川
དབྱང་གཉིས་ཐན་རྫས་
CO2
二氧化碳
མཚོ་འགྲམ་ས་ཁུལ་
coastal community
沿海地区
རྦ་རླབས་
tide
浪潮
ཚད་ལེན་དབྱད་ཆས་
gauge
测量仪
རྦ་རླབས་ཚད་འཇལ་དབྱད་ཆས་
tide gaugerecords
浪潮测量仪
(སྲུང་སྐར་)མཐོ་ཚད་འཇལ་ཆས་
satellite altimeter
卫星高度计


ཚན་རིག་པ་ཚོས་འཛམ་གླིང་གི་ཕྱི་རོལ་གྱི་སེམས་ཅན་དང་འབྲེལ་བ་བྱེད་རྒྱུ་ནི་མིའི་འགྲོ་བ་འདི་གཏོང་རྒྱུའི་ཉེན་ཁར་ཡིད་ཆེས་བྱེད་ཀྱི་ཡོད།

འཛམ་གླིང་ཕྱི་རོལ་དུ་སེམས་ཅན་འཚོ་གནས་བྱེད་ཀྱི་ཡོད་དམ་ཞེ་ན། བྱེད་ཀྱི་ཡོད། འོན་ཀྱང་མིས་མ་མཐར་ཡང་ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུ་དེ་སྤོང་གི་ཡོད་པ་ཡིན་ཞེས་འཛམ་གླིང་འདི་ཚན་རིག་པའི་སྣེ་འཁྲིད་མཁན་སེ་ཊིཕན་་་ཧཱག་གྷིང་Stephen Hawkingགིས་བརྗོད་ཡོད། ཧཱག་གིང་གིས་འཇིག་རྟེན་གྱི་གསང་བ་ཆེན་པོའི་ཐོག་བསམ་ཚུལ་གསར་པ་ཞིག་སྟོན་གྱི་ཡོད་པའི་ནང་འཛམ་གླིང་གི་ཕྱི་རོལ་དུ་སེམས་ཅན་འཚོ་གནས་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་པ་ཌི་སི་་་ཀོ་ཝ་རི་བརྙན་འཕྲིན་ནང་འཐོན་ཡོད།
ཁོང་གིས་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་དེ་དག་ཕལ་ཆེར་རྒྱུ་སྐར་ཙམ་དུ་མ་ཟད་པར་ནམ་མཁའི་འཇིག་རྟེན་གྱི་ཆ་ཤས་གཞན་པའི་ནང་དུའང་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཡང་ན། སྐར་ཚོགས་ཀྱི་ལྟེ་བ་དང། ཡང་ན་སྐར་མ་ཕན་ཚུན་བར་གྱི་སྟོང་ཆ་ནང་ལྡིང་བསྡད་སྲིད་པ་ཡིན་ཞེས་བརྗོད།
ཧཱག་གྷིང་གི་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་ཐད་ཀྱི་རིག་པ་དེ་ནི་སྤྱི་བཏང་གི་ལས་སླ་པོ་དེ་འདྲ་ཞིག་མིན། ཁོང་གིས་འཇིག་རྟེན་ལ་galaxyདགུ་ཚིགས་སྐྱ་མོ་ཐེར་འབུམ་བརྒྱ་༡༠༠་༠༠༠་༠༠༠་༠༠༠ཡོད་པ་དང་། དེ་དག་རེ་རེ་བཞིན་སྐར་ཚོགས་ས་ཡ་བརྒྱ་ཕྲག་མང་པོས་སྐོར་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་རྒྱ་ཆེན་པོ་དེའི་ནང་འགྲོ་བ་ཆགས་པའི་གླིང་ནི་འཛམ་བུ་གླིང་གཅིག་པུ་མིན་པ་འདྲ།
ཿངའི་རྩིས་རིག་གི་ཀླད་པའི་ནང་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་གྱི་ཐད་དོན་དངོས་དང་རྗེས་སུ་མཐུན་པ་ཞིག་ཨང་གྲངས་རྐྱང་པའི་ལམ་གྱིས་བསམ་གཞིག་བྱེད་ཀྱི་ཡོད། དངོས་གནས་བརྩོན་དགོས་པ་ནི་འཛམ་གླིང་གི་ཕྱི་རོལ་གྱི་སེམས་ཅན་དེ་ཚོ་དོན་དངོས་གང་འདྲ་ཞིག་ཡོད་མེད་རྙེད་པ་བྱ་རྒྱུ་དེ་ཡིན།ཿཞེས་རང་ལོ་༦༨ལ་ཕེབས་པ་དེས་ལུང་འདྲེན་ལྟ་བུར་བརྗོད། ཧག་གྷིང་གིས་ཚོད་དཔག་བྱས་པའི་ལན་ནི་དེ་ཚོ་ཕལ་ཆེ་བ་ལོ་རྒྱུས་ཀྱི་རྒྱུས་རིམ་ནང་འཛམ་གླིང་འདིར་ཁྱབ་བརྡལ་ཕྱིན་ཟིན་པའི་སྲོག་ཆགས་རགས་པའམ་ཕྲ་མོ་དེ་ཚོ་དང་འདྲ་མཚུངས་སུ་ཡོད་ཆོག་པ་ཡིན།
article-1268712-094E6C76000005DC-755_634x368
ཁོང་གི་ཡིག་ཆ་གཞིར་གཟུང་གི་ལྗོངས་རིས་ཞིག་གི་ནང་རྐང་པ་གཉིས་ཅན་གྱི་རྩ་གཟན་གྱི་སེམས་ཅན་༼སྲིན་བུ་ནང་བཞིན་གྱི་རྩངས་པ་ཁ་རལ་སེར་པོ་ལྟ་བུའི་༽ཁྱུ་ཚོགས་འཛམ་གླིང་ཕྱི་རོལ་གྱི་བྲག་ངོས་ལྒང་ནས་འཕུར་ནས་ཡོང་བ་བསྟན་ཡོད་པ་དང་། ཡང་།
ལྗོངས་རིས་གཞན་ཞིག་གི་ནང་གཟའ་མིག་དམར་གྱི་ཟླ་བ་ཡུ་རོ་པ་Europaཟེར་བ་འཁྱགས་པ་འཐུག་པོས་སྐོར་ནས་ཡོད་པ་དེ་དག་གི་འོག་གི་རྒྱ་མཚོའི་ནང་དམར་མདངས་ཅན་གྱི་འོད་ཆེམ་ཆེམ་འཕྲོ་བའི་མཚོ་གནས་སྲོག་ཆགས་ཁྱུ་ཚོ་མང་པོ་ཆགས་ནས་ཡོད་པ་སྟོན་ཡོད།

ལྗོངས་རིས་དེ་ཚོ་སེམས་ཀྱི་ཚོད་དཔག་དང་རྟོག་བཟོ་བྱས་པ་དེ་འདྲ་ཡིན་ནའང་ཧག་གྷིང་གིས་ཚེ་སྲོག་གྲུབ་པ་འགའ་ཤས་རྣམ་དཔྱོད་ཅན་དང་ཉེན་ཁ་བཟོ་མཁན་ཡིན་སྲིད་པའི་གལ་གནད་ཅན་གྱི་གནས་དོན་ལ་བསམ་བློའི་སྣེ་ཁྲིད་བྱེད་པར་བེད་སྤྱོད་བྱས་ཡོད། ཁོང་གིས་ཡ་མཚན་གྱི་སྲོག་ཆགས་དེ་ཚོ་དང་འབྲེལ་བ་བྱེད་ན་འགྲོ་བ་མི་རིགས་རྩ་མེད་འགྲོ་སྲིད་པའི་ཡིད་ཆེས་བྱེད་པ་དང་། འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་གྱིས་འཛམ་གླིང་འདིར་དཔུལ་རྒོལ་བྱས་ནས་བརྟེན་ས་བྱས་པའི་རྗེས་ཚུར་སྤོ་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད།

ཿང་ཚོས་འཕྲད་འདོད་མེད་པའི་ཕུལ་བྱུང་གི་སེམས་ཅན་དེ་ཚོ་ཡར་རྒྱས་ཇི་ལྟར་འགྲོ་བ་སོགས་ལ་བལྟ་བ་ཙམ་བྱས་ནས་བསྡད་དགོས། ངའི་སེམས་ནང་ཁོང་ཚོ་ནི་གྲུ་ཆེན་པོའི་ནང་འཚོ་གནས་བྱེད་པ་དང་། སོ་སོའི་གླིང་གི་ས་གཞི་ནས་ཐོན་ཁུངས་བེད་སྤྱོད་བྱེད་ཀྱི་ཡོད་པ་འཆར་གྱི་འདུག སྔོན་འཐོན་ཅན་གྱི་འཛམ་གླིང་ཕྱི་རོལ་གྱི་སེམས་ཅན་དེ་ཚོ་གཅིག་བྱས་ན་འབྲོག་པ་ཡང་ཡིན་སྲིད་པ་དང་། དེ་ཡང་དཀའ་ངལ་སེལ་ཐབས་དང་ཁོང་ཚོས་སླེབས་ཐུབ་པའི་གླིང་ཕྲན་དུ་ཞུགས་ཐབས་སུ་བྱེད་སྲིད་པ་ཡིན།


ང་ཚོས་ད་ལྟ་མིག་གིས་རིག་པ་དང་ལུས་ཀྱིས་དྲོད་འོད་ཚོར་བཞིན་པའི་ཉི་མ་དེའི་མཐར་འཁོར་ནས་བསྡད་མཁན་གཟའ་སྐར་བརྒྱད་ཡོད་པ་ཡིན། དེ་ཡང་། དབུས་སུ་ཉི་མ་དང་། དེ་ནས་རིམ་བཞིན་ ༡ གཟའ་སྐར་ལྷག་པ་དང་། ༢ པ་སངས། ༣ འཛམ་བུ་གླིང་། ༤ གཟའ་སྐར་མིག་དམར། ༥ ཕུར་བུ། ༦ སྤེན་པ། ༧ རྒྱུ་སྐར་རྣམ་རྒྱལ་དང་། ༨ མཚོ་རྒྱལ་བཅས་ཡིན། འགའ་རེས་རྒྱུ་སྐར་གཤིན་རྒྱལ་རྩིས་ནས་དགུར་འདོད་པ་ཡང་ཡོད།

༡ གཟའ་སྐར་ལྷག་པ་ནི་ཉི་མ་དང་ཐག་ཉེ་ཤོས་སུ་གནས་ཡོད་པ་དང་། དེས་ཞག་པོ་༨༨ ནང་ཉི་མར་བསྐོར་བ་རེ་རྒྱག་ཐུབ་པས་ཉི་མར་བསྐོར་མཁན་མགྱོགས་ཤོས་དེ་ཡིན།

༢ གཟའ་སྐར་པ་སངས་ནི་ལྷག་པའི་རྗེས་ཀྱི་ཉི་མ་དང་ཉེ་ཤོས་ཀྱི་རྒྱུ་སྐར་དེ་ཡིན་ལ། གཟའ་སྐར་དེ་ནི་རྒྱུ་སྐར་དེ་དག་ལས་འོད་མདངས་ཆེ་ཤོས་དེ་ཡིན།

༣ འཛམ་བུ་གླིང་ནི་ད་ལྟའི་ཆར་མཐོང་ཆོས་སུ་གྱུར་པའི་རྒྱུ་སྐར་དེ་དག་གི་ཁྲོད་ནས་ཡིད་དུ་འོང་ཤོས་དེ་ཡིན་པ་དང་། རྒྱ་ཁྱོན་བརྒྱ་ཆ་༧༡ ཙམ་མཚོས་ཁེབས་ནས་ཡོད་ཅིང་། ཉི་མ་དང་ཐག་རིང་ཐུང་རེན་པས་མཁའ་རླུང་གཙང་ལ་སྲོག་ཆགས་ཐམས་ཅད་བདེ་བར་གནས་ཐུབ་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གཅིག་པུ་དེ་ཡིན།

༤ གཟའ་སྐར་མིག་དམར་ནི་ཉི་མའི་འོད་མདངས་གང་འཚམ་ཕོག་སའི་རྒྱུ་སྐར་ཞིག་ཡིན་ནའང་། ད་ལྟའི་བར་འཕྲུལ་ཆས་ཀྱིས་དེའི་ས་རྡོ་དག་ལ་བརྟག་དཔྱད་བྱས་པ་ལས་དེར་སྲོག་ཆགས་གྲུབ་པའི་རྫས་ཆ་ཡོད་པར་ཤེས་པ་ཙམ་ལས་དངོས་སུ་སྲོག་ཆགས་རྙེད་མེད། རྒྱུ་སྐར་དེར་བྲག་རྡོ་དང་རྫ་སོགས་ལྕགས་རྫས་ཀྱིས་ཕྱུག་པས་སྤྲིན་པ་ཚང་མ་དམར་པོར་གྱུར་པས་རྒྱུ་སྐར་དེར་རྒྱུ་སྐར་དམར་པོ་ཞེས་ཀྱང་བརྗོད་པ་ཡིན། དེ་ཡན་གྱི་རྒྱུ་སྐར་རྣམས་ལ་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ནང་མ་ཞེས་བྱ་ཞིང་འོག་གི་རྒྱུ་སྐར་ཕྱི་མ་བཞི་ལས་ཆུང་བ་ཡོད་པ་ཡིན། 

༥ གཟའ་སྐར་ཕུར་བུ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་དཀྱིལ་ནས་ཆེ་ཤོས་དེ་ཡིན་ལ། རྒྱུ་སྐར་དེ་ནི་སྤྲིན་པ་རྒྱ་སྨུག་དང་སེར་པོ་དང་དཀར་པོ་བཅས་ཀྱིས་དཁྲིགས་ནས་རྒྱུགས་ཞིང་ཡོད་པས་རྟག་ཏུ་ཁ་དོག་ལ་འགྱུར་བ་བྱུང་གིན་ཡོད།

༦ གཟའ་སྐར་སྤེན་པ་ནི་ཕུར་བུ་ཕུད་པའི་རྒྱུ་སྐར་དེ་དག་ལས་ཆེ་ཤོས་ཡིན་ལ། སྤྱིར་བཏང་གཟའ་སྐར་ཕུར་བུར་ཁོར་ཞགས་ཙམ་ཡོད་ཀྱང་། གཟའ་སྐར་སྤེན་པ་ནི་ཁོར་ཞགས་རིམ་པ་བདུན་གྱིས་འཁོར་ནས་ཡོད་པ་དང་། དེ་སྔ་ཚན་རིག་པའི་ཁོར་ཞགས་དེ་ནི་རྒྱུ་སྐར་གཞན་འཐོར་བའི་རོ་རྡོའམ་སྙིགས་མ་དེ་འདྲས་བྱས་པར་སེམས་ཀྱི་ཡོད་ཀྱང་ཉེ་དུས་ཁོར་ཞགས་དེ་ནི་སྐར་མ་དུ་བ་མཇུག་རིང་གིས་བྱས་པར་བརྗོད་ཀྱི་ཡོད།

༧ རྒྱུ་སྐར་རྣམ་རྒྱལ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་ནང་གི་བདུན་པ་དང་། ཕྱི་རོལ་དུ་སྤྲིན་པ་ལྗང་གུ་དེ་འདྲས་བཏུམས་ནས་ཡོད་པ་ཡིན།

༨ རྒྱུ་སྐར་མཚོ་རྒྱལ་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་རྒྱུ་སྐར་མཐའ་མ་དེ་ཆགས་ཡོད་པས་ཉི་མ་དང་ཐག་རིང་ཤོས་སུ་ཡོད་སྟབས། ང་ཚོས་རྒྱང་ཤེལ་མ་སྤྱད་པར་མཐོང་མི་ཐུབ་པ་ཡིན། དམིགས་བསལ་ནི་རྒྱུ་སྐར་དེར་རྟག་ཏུ་རླུང་འཚུབ་ཆེན་པོས་རྒྱུགས་པ་དང་དེའི་རླུང་བུའི་མགྱོགས་ཚད་ནི་ཚོུད་གཅིག་གི་ནང་མེ་ལེ་༡༢༤༣ འགྲོ་ཐུབ་པ་དེ་ཡིན།

གོང་གསལ་རྒྱུ་སྐར་དེ་དག་ལ་རང་འཁོར་ཟླ་བ་ཡོད་མེད་དང་། ཡོད་པ་ལའང་མང་ཉུང་གི་ཁྱད་པར་ཡོད་དེ། འཛམ་བུ་གླིང་ལ་ཟླ་བ་གཅིག་དང་། མིག་དམར་ལ་ཟླ་བ་གཉིས། སྤེན་པ་ལ་ཟླ་བ་ཉེར་བཞི། ཕུར་བུར་ཟླ་བ་རེ་གསུམ་བཅས་ཡོད་པ་ཡིན།


སྐར་མ་གནམ་རྒྱལ།



 


སའི་གོ་ལ་དང་སྐར་མ་གནམ་རྒྱལ་གཉིས་ཆེ་ཆུང་བསྡུར་ཚུལ།

སྤྱོད་པ་འཚུབ་བའི་སྐར་མ་གནམ་རྒྱལ།

དེ་ནི་སྤེན་པའི་ཕྱི་རོལ་གྲངས་ཀ་དང་མཚང་གནམ་རིག་རྩེས་གཞི་༡༩་༦ ས་ཡོད། ཉི་མ་ལ་སྐོར་པ་རྒྱག་ཐེབས་གཅིག་ལ་ལོ་༨༤ དགོས། རང་འཁོར་ནི་ཆུ་ཚོད་༢༤ རེད། སྐར་མ་དེ་འཚུལ་པོ་ཡོད་པའི་རང་འཁོར་རྒྱག་དུས་ཉལ་ནས་རྒྱག་གི་ཡོད་པ་སྟེ། མཚམས་རེར་རྐང་པ་ཉི་མ་ལ་གཏད་གྱི་ཡོད་པ་དང། མཚམས་རེར་མགོ་དང་མཚམས་རེར་གྲོད་ཁོག་དང་རྐུབ་ཉི་མ་ལ་གཏད་གྱུ་ཡོད་པ་རེད། དྲོད་ཚད་ནི་ཀླད་ཀོར་འོག་ ༡༨༠ ཡིན་པ་རེད། དེ་ལ་འཁོར་སྐར་ལྔ་ཡོད། དེ་རྣམས་ཀྱི་ཉི་མ་ ༡་ ༢་ ༤་ ༨་ཕྱེད་ ༡༣་ཕྱེད བཅས་ལ་སྐོར་བ་རེ་རྒྱག་གི་ཡོད། རྒྱན་དུ་གཟལ་འཛིན་ཡོང་གི་ཡོད་པ་རེད། འོད་ཀོར་ཡོད། སྤེནཔའི་འོད་ཀོར་ནང་བཞིན་མཛེས་པོ་དང་གསལ་པོ་མེད། འོད་ཀོར་ལྔ་ཡོད། ཁ་ཞེང་ཆེ་བ་ལ་སྤྱེ་ལེ་༡༠༠ དང་རིམ་པ་བཞི་ནི་ཅུང་ཟད་ཆུང་ཞིང་སྤྱི་ལེ་༡༠ ཡས་མས་རེད། གནམ་རྒྱལ་དང་ཐག་ཧ་ཅང་ཉེ། སྤྱི་ལེ་༤༥ ཙམ་ལས་མེད།

ཉི་མའི་བར་གྱི་ཆ་སྙོམ་གྱི་རྒྱང་ཐག། གནམ་རིག་རྩིས་གཞི་ ༡༩་༡༨ སྤྱི་ལེ་ས་ཡ་༢༨༦༩་༠
སྤྱི་འཁོར་གྱི་དུས་འཁོར་ལོ་༨༤་༠༡
རང་འཁོར་གྱི་དུས་འཁོར་ཧ་ལམ་ཉིན་༠་༤༥
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༥༠༨༠༠
ལྗིད་ཚད་སའི་གོ་ལའི་༡༤་༥༦
སྐར་གྲངས་༥ཡོད།། 
སྟོང་སྐོར་ཐུབ་བསྟན་ནས།


སྤེན་པ་དང་སའི་གོ་ལ་ཆེ་ཆུང་བསྡུར་ཚུལ


སྤེན་པ།

དལ་བས་ཉི་མར་སྐོར་བ་རྒྱག་ཐེབས་གཅིག་ལ་ལོ་༣༠ཙམ་དགོས་ཀྱི་ཡོད་པ་རེད།  རང་འཁོར་ཧ་ཅང་མགྱོགས་བས་དུས་འཁོར་གཅིག་ལ་ཆུ་ཚོད་༡༠ལྷག་ཙམ་ལས་མི་དགོས།  དེས་ཐོག་འཚོ་བ་བསྐྱལ་དགོས་བྱང་ན་ཧ་ཅང་བྲེལ་བ་ཆེ་ཞིང་དུས་ཚོད་ཧྲིབ་ཙམ་ཡལ་འགྲོ་གི་རེད།  སྤེན་པའིཐོག་ལོ་གཅིག་ལ་ཉིན་མཚན་ཉིས་ཁྲི་ལྷག་ཙམ་ཡོད།  སྤེན་པའི་ལོ་༡ལ་སའི་གོ་ལའི་ལོ་༣༠རེད།  དེའི་ཐོག་ཏུའང་སྐོམ་ས་མེད་ལ་།  རྒྱ་མཚོ་ཆེན་པོའི་ནང་གཤེར་གཟུགས་ཀྱི་ཆིང་རླུང་གིས་ཁེངས་ཤིང།  ཧ་ཅང་སྟུག་པོའུ་ཁམས་ཆེན་པོའི་ནང་མང་ཆེ་བ་ནི་ཆིང་རླུང་དང་ཧའེ་རླུང་ཡིན་པ་དང།  ད་དང་ཅ་ཝན་རླུང་གཟུགས་ལས་གྲུབ་པའི་སྤྲིན་པའི་བང་རིམ་ཡོད་པ་རེད།  དེའི་དྲོད་ཚད་ནི་ཀླད་གོར་འོག་༡༥༠ཡས་མས་རེད།  སྤེན་པ་ལ་འོད་ཀོར་ཡོད་།  འོད་ཀོར་ནི་རྡོ་དང་འཁྱགས་པ་ཆེ་ཆུང་སྣ་ཚོགས་ལས་གྲུབ་པ།  དེ་ཚོ་ནི་སྔོན་ཆད་སྤེན་པའི་འཁོར་སྐར་ཞིག་ཧྲུག་ཆག་ཏུ་གྱུར་ནས་ཆགས་པ་ཡིན་གྱི་རེད།  སྤེན་པནི་རྒྱུ་སྐར་ཆེན་པོ་དགུ་ཡི་ནང་ནས་དངོས་པའི་གྲངས་ཚད་ཕུར་བུ་གོ་ལ་ལས་ཆུང་བ་ཡིན་པ་དེ་སའི་གོ་ལའི་ལྡབ་༩༥ཡིན། སྤེན་པའི་གར་ཚད་ཀྱང་ཧ་ཅང་ཆུང་བ་སྟེ་སྤེན་པའི་དངོས་རྫས་ལི་སྨིས་གྲུ་བཞི་མ་༡གི་ལྗིད་ཚད་ཁེ་༠.༦༩མ་གཏོགས་མེད་པ་དེ་ཆུ་ལས་ཀྱང་ཡང་བ་རེད། སྤེན་པའི་རླུང་ཁམས་ཆེན་པོའི་བང་རིམ་ཧ་ཅང་མཐུག་པསང་ཚོས་ཐད་ཀར་དེའི་ཕྱི་ངོས་མཐོང་ཐུབ་ཀྱི་མེད། ཤེས་གསལ་ལ་སྤེན་པར་ཉུང་མཐར་ཡང་འཁོར་སྐར་༥༠ཡོད་པ་རེད 
ཉི་མའི་བར་གྱི་ཆ་སྙོམ་གྱི་རྒྱང་ཐག། གནམ་རིག་རྩིས་གཞི་ ༩་༥༣༩ སྤྱི་ལེ་ས་ཡ་༡༤༢༧་༠
སྤྱི་འཁོར་གྱི་དུས་འཁོར་ལོ་༢༩་༤༦
རང་འཁོར་གྱི་དུས་འཁོར་ཉིན་༠་༤༤༤
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༡༢༠༠༠༠
ལྗིད་ཚད་སའི་གོ་ལའི་༩༥་༡༧
སྐར་གྲངས་༢༥ཡོད།། 
སྟོང་སྐོར་ཐུབ་བསྟན་ནས།


སའི་གོ་ལ་དང་ཕུར་བུ་གཉིས་ཆེ་ཆུང་བསྡུར་ཚུལ།



                           ཕུར་བུའི་འཁོར་སྐར་ཆེ་བ་གཞི།


ཕུར་བུ


ཕུར་བུ
ཁ་སང་ཨ་མི་རི་ཀས་ལོ་ལྔའི་རྗེས་སུ་གཟའ་སྐར་ཕུར་བུའི་ནང་འབྱོར་མཁན་གྱི་མི་མེད་འཕུར་གྲུ་མ་གནས་ཨ་སྒོར་ཐེར་འབུམ་གཅིག་ལྷག་བྱས་པ་ཞིག་བཏང་ཡོད་འདུག འཕུར་གྲུ་དེས་༢༠༡༦ སྤྱི་ཟླ་༧ ཚེས་༥ ཉིན་གཟའ་སྐར་ཕུར་བུའི་ནང་འབྱོར་ཐུབ་ཀྱི་ཡོད་པ་དང་། དེ་ཡང་ཉི་མའི་དཀྱིལ་འཁོར་ལ་བསྐོར་བ་གཅིག་བྱས་ནས་བསྐྱོད་ཀྱི་ཡོད་འདུག


དའི་ཟླུམ་རིལ་གྱི་གྲོད་པའི་ནང་སའི་གོ་ལ་ ༡་༣༠༠ ལྷག་ཙམ་ཤོང་ཐུབ་ཀྱི་རེད།  ལོ་ངོ་བཅུ་གཉིས་རེར་ཉི་མར་ལ་སྐོར་བ་ཐེབས་རེ་རྒྱག་གི་ཡོད།  ལོ ༡༡ དང་ཉིན༨༦།  ཕུར་བུ་རང་འཁོར་ནི་ཧ་ཅང་མྱུར་བའི་ཉིན་མཚན་གཅིག་ལ་ཆུ་ཚོད་༡༠རེད།  ཕུར་བུ་ནི་ང་ཚོའི་སའི་གོ་ལ་དང་འདྲ་བར་སྲ་གཟུགས་ཀྱི་ངོས་ཡོད་ཞིག་མིན་པར་དེ་ནི་གཤེར་གཟུགས་ལས་གྲུབ་པའི་སྐར་མ་ཞིག་རེད།  འོན་ཀྱང་རྒྱ་མཚོའི་ནང་མང་ཆེ་བ་གཤེར་གཟུགས་ཀྱི་ཆིང་རླུང་དང་ཨན་རླུང་ཡིན་པ་ལས་ཆུ་མེད་པ་རེད།  ཕུར་བུའི་བར་ནང་དུའང་རླུང་ཁམས་ཆེན་པོ་ཡོད་ཅིང།  དེར་སྤྲིན་པ་ལང་ལོང་དུ་གཡོ་བ་དང།  དེའི་མཐུག་ཚད་སྤྱི་ལེ་༡༠༠༠ ཡོད་པ་དེའང་གཙོ་བོ་ཆིང་རླུང་དང་ཨན་རླུངརེད་།  ཕུར་བུ་ལ་འཁོར་སྐར་༡༦ ཡོད།  བཞི་ནི་ཟླ་བ་ལས་ཆེ་བ་ཡོད།  གཅིག་ནི་ཧ་ལམ་ཟླ་བ་དང་ཆེ་ཆུང་འདྲ།  དེ་བཞི་པོ་འགུལ་སྐྱོད་ཧ་ཅང་མྱུར་བར་བྱེད་ཅིང་མགྱོགས་ཤོག་ཀྱིས་ཉིན་མཚན་གཆིག་ལྷག་ཙམ་ལ་ཕུར་བུ་སྐོར་ཐེངས་གཅིག་རྒྱག་གི་ཡོད་ཅིང།  དལ་བས་ཀྱང་སྐོར་ཐེངས་གཅིག་ལ་ཉིན་༡༧ ཡང་འགོརགྱི་མེད་པ་རེད།  འགའ་ཞིག་ཕུར་བུ་དང་ཐག་ཉེ་བའི་ཉིན་ཕྱེད་ལ་སྐོར་བ་ཐེངས་གཅིག་རྒྱག་གི་ཡོད་པ་དང། རིག་འགའ་ཕུར་བུ་དང་ཐག་ཧ་ཅང་རིང་བའི་སྐོར་བ་གཅིག་ལ་ཉིན་༧༠༠ལྷག་ཙམ་དགོས་ཀྱི་ཡོད།  ཕུར་བུ་ལ་འོད་ཀོརཡོད། འོད་ཀོར་ནི་རྡོ་ཧྲུག་ནག་པོ་ལས་གྲུབ་ཅིང།  ཁ་ཞིང་ནི་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཡོད་། ཕུར་བུའི་དངོས་པོའི་གྲངས་ཚད་ནི་སའི་གོ་ལའི་ལྡབ་༣༠༠ལྷག་ཡོད། ཕུར་བུའི་མཐའ་འཁོར་དུ་གར་ཚད་ཆེ་བའི་རླུང་ཁམས་ཆེན་པོའི་བང་རིམ་ཡོད་པ་དང་། དེའི་ཐོག་གི་དམར་ཐིག་ཆེན་པོ་དེ་ནི་ཕུར་བུའི་རླུང་ཁམས་ཆེན་པོའི་ནང་གི་ཆུ་འཁོར་རྣམ་པའི་རླུང་འཚུབ་ལྟེ་གནས་ཤིག་ཡིན་པ་དེ་མ་མཐར་ལོ་ངོ་༤༠༠ལྷག་ལ་གནས་བསྡད་པ་རེད་ལ། ཆེ་ཆུང་དང་ཁ་མདོག་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་གི་ཡོད། ཕུར་བུའི་འཁོར་སྐར་དང་པོའི་ཐོག་ཏུ་མེ་རི་འཕྱུར་གྱི་ཡོད་པ་དང་། ད་རུང་མེ་རི་གསོན་པོའི་རྗེས་ཤུལ་ཡང་ཡོད་པ་རེད། ༡༩༧༩ལོར། ཕུར་བུའི་མཐའ་འཁོར་ན་ཕུརབུའི་གདུབ་གོར་སྲབ་མོ་ཞིག་ཡོད་པའང་རྟོགས་ཡོད། 
ཉི་མའི་བར་གྱི་ཆ་སྙོམ་གྱི་རྒྱང་ཐག། གནམ་རིག་རྩིས་གཞི་ ༥་༢༠༣ སྤྱི་ལེ་ས་ཡ་༧༧༨་༠
སྤྱི་འཁོར་གྱི་དུས་འཁོར་ལོ་༡༡་༨༦
རང་འཁོར་གྱི་དུས་འཁོར་ཉིན་༠་༤༡
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༡༤༢༧༩༨
ལྗིད་ཚད་སའི་གོ་ལའི་༣༡༧་༩
སྐར་གྲངས་༡༦ཡོད།། 
སྟོང་སྐོར་ཐུབ་བསྟན་ནས།



མིག་དམར།
མིག་དམར་དང་སའི་གོ་ལ་གཉིས་ཕྱོགས་མང་པོའི་ཐད་ཧ་ཅང་འདྲ་པོ་ཡོད།  མིག་དམར་གྱི་ཉིན་མཚན་གཅིག་ལ་ཆུ་ཚོད་༢༤་དང་སྐར་མ༣༧ཡིན། དབྱར་དགུན་སྟོན་དཔྱིད་ཀྱིཆོས་ཉིད་ཧ་ཅང་བརྟན་པོ་ཡོད། དྲོད་ཚད་ནི་༢༠མཐོ་ཤོས་དང་དམར་ཤོས་༨༠ཡིན།  མིག་དམར་གྱི་ཐོག་རླུང་ཁམས་ཆེན་པོ་ཡོད་ཀྱང་སའི་གོ་ལའི་རླུངཁམས་ཆེན་པོ་ལས་སྲབ་བ་མ་ཟད། ཨེར་དབྱང་ཧཱ་ཐན་མང་ཞིང་དབྱང་རླུང་དང་ཆུ་རླུང་ཅུང་ཉུང་བ་ཡོད་པ་རེད།  མིག་དམར་གྱི་མཆོང་ཆེན་ཟེར་བ་ནི་མིག་དམར་དེ་སའི་གོ་ལ་དང་རྒྱང་ཐག་ཉེ་ཤོས་ཀྱི་གནས་སུ་འཁོར་ཡང་བ་དེ་ཡིན་ཞིང།  དེའི་སྐབས་སུ་སའི་གོ་ལ་དང་རྒྱང་ཐག་སྤྱི་ལེ་ཁྲི་༥༥༠༠ཡིན།  སྣང་ཙུལ་དེ་ནི་ལོ་ངོ་༡༦ཡས་མས་ལ་ཐེབས་རེ་ལས་མེད།  ལྟ་བའི་གོ་སྐབས་བཟང་པོ་ཞིག་དེས་སྐབས་རེད།  བྱེ་རྡོས་ཁེངས་པའི་མི་མེད་ལུང་སྟོང་སྐམ་པོ་ཞིག་རེད།  ས་རྒྱུའི་ནང་ལྕགས་ཅུང་མང་བའི་མདོག་དམར་པོ་རེད།  རྒྱུན་དུ་རླུང་འཚུབ་ཆེ་ཞིང་མཁའ་རླུང་གི་ནང་དུའང་ཐལ་རྡུལ་དམར་པོ་མང་པོ་ཡོད་སྟབས་བར་སྣང་ཡང་དམར་སྐྱ་རེད་

ཉི་མའི་བར་གྱི་ཆ་སྙོམ་གྱི་རྒྱང་ཐག། གནམ་རིག་རྩིས་གཞི་ ༡་༥༢༤ སྤྱི་ལེ་ས་ཡ་༢༢༧་༨
སྤྱི་འཁོར་གྱི་དུས་འཁོར་ཉིན༦༨༧་༠
རང་འཁོར་གྱི་དུས་འཁོར་ཉིན་༡་༠༢༦
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༦༧༩༤
ལྗིད་ཚད་སའི་གོ་ལའི་༠་༡༠༧
སྐར་གྲངས་༢ཡོད།
སྟོང་སྐོར་ཐུབ་བསྟན་ནས།



སའི་གོ་ལ

ཉི་མའི་བར་གྱི་ཆ་སྙོམ་གྱི་རྒྱང་ཐག། གནམ་རིག་རྩིས་གཞི་ ༡་༠༠༠ སྤྱི་ལེ་ས་ཡ་༡༤༩་༥
སྤྱི་འཁོར་གྱི་དུས་འཁོར་ཉིན་༣༦༥་༢༦
རང་འཁོར་གྱི་དུས་འཁོར་ཉིན་༠་༩༩༧༣
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༡༢༧༥༦
ལྗིད་ཚད་སའི་གོ་ལའི་༡་༠༠༠
སྐར་གྲངས་༡ཡོད།།
སྟོང་སྐོར་ཐུབ་བསྟན་ནས། 




རྒྱུ་སྐར་ཆེ་བ་དགུ་དང་ཉིལམའི་ཆེ་ཆུང་བསྡུར་ཚུལ།

ཉི་མ། ༡ལྷག་པ། ༢པ་སངས། ༣སའི་གོ་ལ། ༤མིག་དམར། ༥ཕུར་བུ། ༦སྤེན་པ། ༧སྐར་མ་གནམ་རྒྱལ། ༨སྐར་མ་མཚོ་རྒྱལ། ༩སྐར་མ་གཤིན་རྒྱལ།།


ངོ་མཚར་ཅན་གྱི་ཐི་ཏིའུ་སིའི་ངོས་སྲོལ།

༠    ༣    ༦    ༡༢    ༢༤   ༤༨    ༩༦  ༡༩༢
དེ་གྲངས་ཀ་སོ་སོའི་ཐོག་ ༤ བསྣན་ནས་ ༡༠ ལ་བགོས་ན་གཤམ་གྱི་གྲངསཀ་རྣམས་བྱང་བ་རེད།
༠་༤     ༠་༧     ༡་༠   ༡་༦  ༢་༨   ༥་༢   ༡༠་༠  ༡༩་༦
                                                                                                            
༠་༤ ལྷག་པ།      ༠་༧ པ་སངས།   ༡་༠ སའི་གོ་ལ་    ༡་༦ མིག་དམར།    ༢་༨?  ༥༢ ཕུར་བུ།     ༡༠་༠ སྤེན་པ།     ༡༩་༦?

དེ་ནི་རྒྱུ་སྐར་སོ་སོ་ནས་ཉི་མའི་བར་གྱི་རྒྱང་ཐག་དང་ཧ་ལམ་མཚུངས་པ་རེད།  སའི་གོ་ལ་ནས་ཉི་མའི་བར་གྱི་རྒྱང་ཐག་༡ བྲེས་པ་དེ་སྤྱི་ལེ་ཁྲི་༡༤་༩༥༠ མཚོན་པ་རེད།
དེ་ལ་གནབ་རིག་གི་རྩིས་གཞི་གཅིག་ཟེར།།
སྟོང་སྐོར་ཐུབ་བསྟན་ནས།




པ་སངས
པ་སངས་ནི་སའི་གོ་ལ་དང་ཆེ་ཆུང་ཧ་ལམ་ཁྱད་པ་མེད། པ་སངས་དྲོད་ཚད་ནི་༤༠༠ཡིན།ཉིན་མོ་ནི་སའི་གོ་ལ་ལས་ལྡབ་༦༠རིང་བ་ཡོད། བར་སྣང་དུ་བཁའ་རླུངམཐུག་པོ་ཡོད་པས་ག་དུས་ཡིན་ནའང་གནམ་འཐིབས་པ་དང་འདྲ་བས་གང་ཡང་མཐུང་གི་མ་རེད། ཉི་མ་ནི་ནུབ་ཕྱོགས་ནས་ཤར་གྱི་ཡོདཀྱང་སྤྲིན་པ་ཧ་ཅང་མཐུག་སྟབས་ཉིན་མོང་སླེབས་པ་ཚོར་བ་མ་གཏོགས་ཉི་མ་དངོས་སུ་མཐོང་རྒྱུ་མེད། མཚན་མོའང་བསིལ་པོ་མི་འགྱུར་བར་བྲག་རྡོ་ཚ་པོ་ཚ་རྐྱང་ཡིན་པ་རེད། ལོ་གཅིག་ལ་ཉིན་མཚན་གཉིས་ལས་མེད། མཁའ་རླུང་གི་གནོན་ཤུགས་ནི་སའི་གོ་ལ་ལས་ལྡབ་དགུ་བཅུ་ཡིན་པའི་སྤུས་ཀ་ཞན་པའི་ངར་ལྕགས་ཀྱི་མདོང་ཡང་ལེབ་ལེབ་བཟོ་ཐུབ་ཀྱི་རེད། མཁའ་རླུང་དང་ཨེར་དབྱང་ཧ་ཐན་བརྒྱ་ཆ་༩༧ཡོད་པ་དང། དབྱང་རླུང་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པ་མ་ཟད། ཐོག་རྒྱ་གློག་འཁྱུག་གི་འབྲུག་སྒྲའང་མང་པོ་ཡོད་པ་རེད། པ་སངས་ནི་འཇིགས་སུ་རུང་བའི་འཛམ་གླིང་ཞིག་རེད།།
གནམ་རིག་རྩིས་གཞི་༠་༧༢༣
སྤྱི་ལེ་ས་ཡ་༡༠༨་༡
སྤྱི་འཁོར་གྱི་དུས་འཁོར་ཉིན༢༢༤་༧
རང་འཁོར་གྱི་དུས་འཁོར་ཉིན་༢༤༣
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༡༢༡༠
ལྗིད་ཚད་སའི་གོ་ལ་༡་༠་༨༡༥
སྐར་གྲངས་མེད།།
སྟོང་སྐོར་ཐུབ་བསྟན་ནས།

                                                               


                                               ལྷག་པ།

ལྷག་པ་ནི་སའི་གོ་ལའི་ཕྱེད་ཀ་ལས་ཀྱང་ཆུང་བ་ཡོད། ཁོ་ནི་ཉི་མའི་ཐག་ཉེ་ཤོག་སུ་ཡོད། ལྷག་པའི་ངོས་ནི་གང་ས་གང་དུ་ཀོང་ཀོང་ཤ་སྟག་ཡིན་ཞིང་ཁོད་སྙམ་པའི་བདེ་ཐང་ཅུང་ཟད་ཆེ་བ་གཅིག་གྱང་མེད། དེའི་རྒྱུ་མཚན་ནི། དེས་ཉི་མ་ལ་སྐོར་བ་ལོ་ངོ་དུང་ཕྱུར་བཅུ་ཕྲག་ཁ་ཤས་རྒྱག་རིང་དུ་ཕྱི་ངོས་ལ་བྲག་རྡོ་རྒྱུན་མི་འཆད་པར་ཕོག་པའི་རྐྱེན་གྱིས་རེད། དེར་བརྟེན་ཕྱི་ངོས་ཁོག་སྙོམ་པོ་དེ་རྨ་བརྒྱ་བུག་སྟོང་གིས་ཁེངས་ནས་སྙིང་རྗེ་སྐྱེ་འོས་པ་ཞིག་དུ་གྱུརཔ་རེད། ང་ཚོས་སའི་གོ་ལ་ནི་དེ་དང་མི་འདྲ་པར་གཟུགས་བོངས་ཆེ་ཞིང་འཐེན་ཤུགས་ཆེ་བའི་རླུང་ཁམས་ཆེན་པོས་སྲུང་ཡོད་པ་དེ་ནི་གོ་ཁྲབ་གྱོན་པ་བཞིན་བསམ་ཡུལ་ལས་འདས་པའི་གོང་ཆག་ཧ་ཅང་མང་པོ་ལས་གྲོལ་ཐུབ་པ་བྱུང་བ་རེད། ལྷག་པ་ནི་དེ་འདྲ་གོང་གསལ་གྱི་མཐུན་རྐྱེན་མེད་པ་དང། དེས་གཟུགས་བོངས་ཆུང་ལ་ཕྱི་ངོས་སུ་རླུང་ཁམས་ཆེན་པོའི་བང་རིམ་མེད་སྟབས་ཅེར་བུར་བརྙས་བཅོས་མ་རྨྱོང་རང་རྨྱོང་རེད།། 

ཉི་མའི་བར་གྱི་ཆ་སྙོམ་གྱི་རྒྱང་ཐག། གནམ་རིག་རྩིས་གཞི་༠་༣༨༧ སྤྱི་ལེ་ས་ཡ་༥༧་༩
སྤྱི་འཁོར་གྱི་དུས་འཁོར་ཉིན༨༨
རང་འཁོར་གྱི་དུས་འཁོར་ཉིན་༥༨་༦༧
ཐིག་དམར་གྱི་ཚངས་ཐུག་སྤྱི་ལེ་༤༨༧༨
ལྗིད་ཚད་སའི་གོ་ལའི་༠་༠༥༥
སྐར་གྲངས་མེད།།
སྟོང་སྐོར་ཐུབ་བསྟན་ནས།



 ་